Monday, September 14, 2015

མི་སེར་ཚུ་གི་ རེ་བ།
མི་སེར་ཚུ་ ག་ཅི་གི་རེ་བ་ཨིན་ན??? ང་གི་འབད་བ་ཅིན་ འགྲུལ་འཕྲིན་མོ་བཱལ་གྱི་ ཀ་རིང་མགྱོགས་པ་ར་འོང་ནིའི་རེ་བ་འདུག། དེ་ཡང་ ང་ན་ བསམ་རྩེ་ བསྟན་འབྲུག་རྒེད་འོག་གི་གཡུས་ཚན་ བིན་དུ་འོང་སྟེ་ཟླཝ་ལྔ་འགྱོ་རུང་ འགྲུལ་འཕྲིན་མོ་བཱལ་གྱི་ རྒྱ་འཛོམས་འདི་མ་པ་ལས་རང་མིན་འདུག་ཟེར་ཞུ་ནི།
New mobile tower 
དེ་ཡང་ འགྲུལ་འཕྲིན་གྱི་ཀ་རིང་འདི་བཟོ་ནིའི་འགོ་བཙུགས་ཏེ་ ཟླཝ་གཉིས་ལྷགཔ་ཅིག་ཡར་སོང་ཡི། ད་རེས་འབདཝ་ད་ ཀ་ཁྱིམ་འདི་ ཡར་ལོང་སྟེ་ ཚིགས་རིམ་ཧ་ལམ་ཅིག་རིངམོ་འགྱོ་སར་མཐོང་བའི་བསྒང་ལསནི་ གཡུས་འདི་ཁའི་མི་སེར་འདི་ཚུ་ སེམས་དགའ་བ་གི་མ་ཚད་ ད་འབདན་ ང་བཅས་ཀྱི་ན་ལུ་ཡང་ ཨིན་ཊར་ནེཊ་གི་མཐུན་རྐྱེན་ཡང་འཐོབ་ནི་མས་ཟེར་ སེམས་ཁ་ལུ་ གློག་རིག་ཡོངས་འབྲེལ་བཏུབ་པའི་  འགྲུལ་འཕྲིན་མོ་བཱལ་ ཉོ་ནིའི་འཆར་གཞི་ཡང་འདུག།

འགྲུལ་འཕྲིན་གྱི་ ཀ་རིང་འདི་ མགྱོགས་པ་ར་ལྷོད་པ་ཅིན་ ཁྱིམ་དགུ་པ་ཧ་ལམ་༡༥༠ ལྷགཔ་ཅི་ལུ་ཕན་ཐོགས་སྦོམ་འབྱུང་ནི་ཨིན་མས། འཕྲལ་འཕྲལ་ ཁག་ཆེ་བའི་འགྲུལ་འཕྲིན་ཅིག་གཏང་དགོ་འཐོན་རུང་ རྒྱ་འཛོམས་འདི་ མེད་ནི་འདི་གིས་ མར་བསྟན་འབྲུག་ལུ་འགྱོ་དགོཔ་འཐོནམ་མ་ཚད་ རྒྱ་འཛོམས་ག་ཏེ་བདའ་ཟུན་ས་ འབད་རྩོལ་འབད་དགོཔ་འཐོན་ནུག་ཟེར་ཞུ་ནི།


ད་ལྟོ་བཟོ་བའི་བསྒང་ཡོད་མི་ ཀ་རིང་འདི་ ཉིནམ་ཉུང་ཤོས་ར་༡༥ དེ་ཅིག་འགོར་འོང་ཟེར་ ལཱ་འབད་མི་ ལས་མི་ཚུ་གི་བཤད་ནི་འདུག། དེ་འབདཝ་ལས་ གཡུས་ཁའི་མི་སེར་འདི་ཚུ་ མགྱོགས་པ་ར་ འགྲུལ་འཕྲིན་གྱི་རྒྱ་འཛོམས་འདི་འཐོབ་སྟེ་ རང་སོའི་སྤུན་སྤུན་ཆ་དང་ ཉེ་ཉེཝ་ཚུ་དང་མཉམ་གཅིག་ ཁ་སླབ་ཚུགས་པའི་རེ་བ་ཡོདཔ་མ་ཚད་ ལྷག་པར་དུ་ཡང་ གསོལ་བཏབ་སའི་སློབ་གྲྭ་གི་ སློབ་དཔོན་ཚུ་ཡང་ འགྲུལ་འཕྲིན་མོ་བཱལ་གི་རྒྱ་འཛོམས་འདི་འཐོབ་པའི་རེ་འདུན་བསྐྱེད་དེ་འདུག།